锤子音乐网锤子音乐网
话到唇边 - 旦正昂加封面

话到唇边

旦正昂加

专辑:自画像

时长:4:38

选择音质下载

歌曲下载

选择需要的音质。若源文件暂时不可用,我们会明确提示实际提供的音质。

作词 : 琼桑
作曲 : 旦正昂加
编曲 : 旦正昂加
བྱུང་གི་བཤད་ན།
འཚོ་བ་འདི་དཀའ་མོ་དཀའ་མོ་ཞིག་མིན་ཁ་རེད།
རང་ལ་ཡོད་ནོ་ཟོས་ནས།
རང་ལ་དབང་ནོ་བཀོལ་ལས་བསྡད་དང་ན་དེ་རེད།
ནམ་ཉི་མར་གཞན་ཟིག་ག་བསྡུར་དོན་མེད་གི།
རང་རང་ལམ་ཁ་རང་རང་ར།
རང་རང་སྐྱིད་སྡུག་རང་རང་རེད་མོ།
ཡང་ཅིག་བཤད་ན།
དབང་བོ་ཚང་བཞིན་དུ་གཞན་ལ་སྤྲང་དགོ་ན་སྡུག་ཐུག་རེད།
ནུས་པ་ཡོད་བཞིན་དུ་གཞན་ལ་བརྐུས་བྱེད་དགོ་ན་ངོ་ཚ་རེད།
དེ་མ་གཏོགས།
རང་རང་ཇི་ལྟར་འཚོ་འདུག་རང་རང་གི་ལག་རེད།
ཚེ་གང་བོར་གཞན་ཞིག་ལ་བསྡུར་རེས། རང་ཉིད་བོར་རེས།
བརྣབ་སེམས་གནོད་སེམས་ཀྱི་བྲན་དུ་གྱུར་ན།
ངོ་མ་སྡུག་ཐུག་རེད།
 
བྱུང་གི་བཤད་ན།
 ཕུགས་བསམ་འདི་དཀའ་མོ་དཀའ་མོ་ཞིག་མིན་ཁ་རེད།
རང་གིས་ཤེས་ནོ་སྒྲུབ་བས།
རང་ལ་དགོ་ནོ་བསླབས་དང་ན་དེ་རེད།
ནམ་ཉི་མར་གཞན་ཞིག་ལ་སྨོན་དོན་མེད་གི།
རང་རང་འདོད་པ་རང་རང་ར།
རང་རང་ལམ་ཁ་རང་རང་རེད་མོ།
ཡང་ཅིག་བཤད་ན། 
ལང་ཚོ་རྫོགས་བཞིན་དུ་ཕ་མས་གསོ་དགོ་ན་སྡུག་ཐུག་རེད།
ཨ་ཀྱད་ཡོད་བཞིན་དུ་རྐང་རྗེན་ལ་བརྒྱུག་ཟེར་ན་གླེན་རྟགས་རེད། །
དེ་མ་གཏོགས།
རང་རང་གང་ལ་དགའ་མིན་རང་རང་གི་ལག་རེད།
ཚེ་གང་བོར་གཞན་ཞིག་ལ་སྨོན་ནས། རང་ཉིད་བརྗེད་ལས།
སྟོང་འདང་གླེན་འདང་གི་ནང་ནས་ལུས་ན།
ངོ་མ་སྡུག་ཐུག་རེད།

相关歌曲