
歌曲下载
选择需要的音质。若源文件暂时不可用,我们会明确提示实际提供的音质。
歌词
下载歌词作词 : 加央洛珠 作曲 : 旦正昂加 编曲 : 旦正昂加 ཝུ་བ། དམ་བཅར་རྟག་པ་མེད་ཀྱང་ཨམ་གཙིགས་བསྡམས་ནས།། མི་ཚོགས་འདུ་འཛིའི་ཁྲོད་ནས་ཁྱོད་ཉིད་སྒོམ་ཡོད།། འདང་བརྩེ་ཡོད་མེད་མ་འདྲི་ཟླ་བར་གསལ་ཡོད།། ཟླ་བས་བྱིལ་བྱིལ་བྱེད་ཞོར་ལོ་ཟླ་འགོར་ཡོད།། ཆང་ཕོར་ཁ་ཡི་ཝུ་བ་ཡུན་གྱིས་ཡལ་སོང་།། སེམས་སོང་མི་ཡི་གྲིབ་མ་རྒྱང་དུ་གྱེས་སོང་།། བར་ཐག་རི་བོས་མ་བཅད་ཆུ་མོས་མ་གཏུབ།། ཕྱི་ཐག་མི་ལ་གནང་བ་ཚོར་ཙམ་མ་བྱུང་།། བརྩེ་བ་རླུང་གིས་ཁུར་འགྲོ་ཡེ་ནས་མ་བསམ།། དུངས་བ་སྙིང་ལ་ཉར་བ་ཁྱོད་ཀྱིས་མ་ཚོར།། སྙིང་ཆུང་མདུང་གིས་བསྣུན་པར་ཞེད་སྣང་མེད་པ།། ཉེས་པ་ཆེ་ཡོད་སེམས་ཀྱི་མནར་གཅོད་ཙམ་རེད།། དུངས་བའི་སྤང་ལ་བཞད་པའི་སེར་ཆེན་མེ་ཏོག། མྱི་ཁའི་དྲག་ཆར་རྒོད་པོའི་མཚོན་གྱིས་གཏུབ་སོང་།། སེམས་པའི་ངོགས་སུ་བྲིས་པའི་ཡིད་ཀྱི་རི་མོ།། ཞེ་ལ་བཅངས་བས་སྙིང་གི་ནད་དུ་གྱུར་སོང་།།

