
歌曲下载
选择需要的音质。若源文件暂时不可用,我们会明确提示实际提供的音质。
歌词
下载歌词作词 : 盖舞 作曲 : 旦正昂加 编曲 : 旦正昂加 གླུ་འདི་ཁྱོའི་ཡིན། ཚིག་གེའུ། ཆང་ཁང་གློག་འོད་མག་མོག་རོལ་མོའི་རྒྱུ་བ་དལ་མོ སོག་ཁའི་སྐྲ་ཡི་རླབས་གཉེར་འཛུམ་པའི་སོ་ཕྲེང་ཀྲིག་ཀྲིག རོ་སྨད་གླང་རྫིའི་དོར་མ་ཆེ་ཆུང་དམ་ལྷོད་ཁྲིགས་སེ་ཡོད ཨེན་ཙམ་བཟི་སྣང་ཨེ་ཡོད་ང་ལ་ལྟ་དོན་ཅི་ཡིན་ཤོད ཟང་ཟིང་གྲོང་ཁྱེར་འདི་རུ་སུ་ཡང་རྣམ་ཤེས་འཁྱམ་པོ་ཞིག རྡོག་པ་གཞན་ལ་སྤོ་ཉིན་མི་སེམས་གསོ་མཁན་མཁོ་འམ་ཅི གང་ནས་རིག་མྱོང་འདྲ་བ་ད་རུང་རྒྱུས་ཡོད་འདྲ་བ ཆང་གིས་བཟི་བ་མིན་ན རུམ་ལ་བསྡུས་པའི་མི་ཚད་ལུས་ལ་སྦྱོར་འདོད་ཆེ་སོང མི་ཚོགས་འགྲོ་འོང་ལང་ལོང་ཁེར་འགྲོ་གྲིབ་མ་ནག་རིང ཕུག་གི་ཚེ་ནོམ་མ་ཟད་ལམ་གྱི་བྲོ་ཡང་ཟད་སོང ཡིད་འོང་འཇིག་རྟེན་འདི་རུ་ཚད་མེད་ཉེས་པ་རབ་ཅིག་ལྕི མཚན་ལ་རྨི་ལམ་བཏང་ཡང་ཉིན་ལ་རུས་པ་ཤིན་ཏུ་སྙི མི་སེམས་བརྩེ་བས་དབུལ་ཉིན་གཅེས་པའི་མིང་གིས་འབོད་མཁན་ཞིག མྱི་ཁ་ཆར་བཞིན་འབབ་དུས་ཆར་ལྭ་སྟེང་དུ་འགེབས་མཁན་ཞིག ང་ཡིན་ང་ཡིན་མི་དགོས དགོས་པའི་ཉིན་མོ་ང་ཡིན ཆང་གིས་བཟི་བ་མིན་ན ལུས་ལ་སྦྱར་བའི་མི་ཚད ཁྱིམ་དུ་བསུ་འདོད་ཆེ་སོང

