锤子音乐网锤子音乐网
流浪者 - 旦正昂加封面

流浪者

旦正昂加

专辑:自画像

时长:3:25

选择音质下载

歌曲下载

选择需要的音质。若源文件暂时不可用,我们会明确提示实际提供的音质。

作词 : 旦正昂加
作曲 : 旦正昂加
编曲 : 旦正昂加
མྱི་རྐྱང 
སྤམ་བཟོ་ལ་དགའ་བའི་མྱི་རྐྱང་། 
དུ་ཆང་དང་བུད་མེད ངོ་སོ་དང་རང་དབང  
ཁོ་ཡིས་འཚོ་གནས་ཀྱི་བརྗོད་བྱ་ཡིན  
ཁོ་ཡིས་བཤད་ན  
འཚོ་བའི་བདེ་སྐྱིད་ཨ་རག་གི་བཟི་ཁ་ཡིན་ཟེར འཁོར་བའི་དེ་ཉིད་བུད་མེད་ཀྱི་བྲང་གཞུང་དེ་ཡིན་ཟེར  
ཆང་ཁང་ཉུལ་ནས  
ཨ་རག་གི་མངར་ཁ་འཚོལ་བ་དང 
ཇ་ཁང་ཉུལ་ནས 
མོ་གསར་ཀྱི་འཛུམ་མདངས་འཚོལ་བ་ནི་རྒྱུན་ལྡན་དུ་སྣང་ལ  
རྒྱ་སྲང་ཉུལ་ནས་སྨད་ཚོང་མ་འཚོལ་བ་དང 
གད་སྙིགས་ནང་ནས་དུ་སྣེ་འཚོལ་བའི་སྐབས་ཀྱང་ངེས་པར་དུ་ཡོད་སྲིད  
མྱི་རྐྱང འདི་ནི་སྐྱུགས་བྲོ་བའི་འཚོ་བ་ཞིག 
མྱི་རྐྱང འདི་ནི་མཛེས་སྡུག་གི་འཚོ་བ་ཞིག
 མྱི་རྐྱང རང་དབང་གི་འཚོ་བ་འདིའི་བདག་པོ་ཉག་གཅིག་ཡིན 
མྱི་རྐྱང ང་ཡང་དེ་ལ་མོས་བའི་མྱི་རྐྱང་ཞིག

相关歌曲