
歌曲下载
选择需要的音质。若源文件暂时不可用,我们会明确提示实际提供的音质。
歌词
下载歌词作词 : 秋英巴丁 作曲 : 煋烁更求才旦 ཡིད་མཐུན་ནོར་བུ་ཆ་གཅིག དབྱངས། ཤང་ཐོ་དཀོན་མཆོག་ཚེ་བརྟན ཚིག མགར་ཆོས་དབྱིངས་དཔལ་ལྡན། གཞས་པ་ཤང་ཐོ་དཀོན་མཆོག་ཚེ་བརྟན། ཆོས་མཚོ། བུ། ཕ་རིའི་སྤང་གཞུང་སྟེང་ལ།། མེ་ཏོག་སེར་ཆེན་བཞད་སོང་།། ཆར་བ་ཟིམ་ཟིམ་འབབ་དུས།། གཡུ་སྦྲང་སེམས་པ་འཁོར་སོང་།། བུ་མོ། དབྱར་ཟླ་འགོ་མ་ཚེས་དུས།། སྣང་བ་སྐྱིད་ཀྱིས་ཁེངས་སོང་།། གཙང་ཆུ་སྔོན་མོའི་འགྲམ་ནས།། དུང་བའི་སེམས་འཕྲིན་ཤོར་སོང་།། མཉམ་ལེན། དུས་ཆར་བདུད་རྩི་མངར་མོས།། ཆུ་དང་མེ་ཏོག་འཛུམ་སོང་།། འུ་གཉིས་བརྩེ་བའི་དུང་བ།། ཆུ་བོ་ལས་ཀྱང་དྭངས་སོང་།། བུ་མོ། རི་བོ་མཐོ་པོའི་སྒང་ནས།། སྨོན་པའི་བསང་ཞིག་མཆོད་ཡོད།། རི་སྒང་མཐོ་ལ་མ་བལྟས།། རོགས་ལོ་ཁྱེད་ལ་ཕུལ་ཡོད།། བུ། ཆུ་གཏེར་རྒྱ་མཚོའི་ཟུར་ནས།། སྙན་པའི་གཞས་ཅིག་བཏང་ཡོད།། གསེར་ཉ་མང་ལ་མ་བལྟས།། སྙིང་སྡུག་ཁྱེད་ལ་ཕུལ་ཡོད།། མཉམ་ལེན། རི་ཆུའི་ལུང་གསུམ་ཁྲོད་ནས།། སྙིང་གཏམ་ཕུན་ཚུན་བརྗོད་ཡོད།། མི་ཚེ་ལས་ཀྱི་བསོད་ནམས།། མཉམ་དུ་རོལ་བར་ཆས་འགྲོ།། སྒྱུ་མའི་འཇིག་རྟེན་འདི་ནས།། རེ་བའི་ཕུགས་འདུན་གཅིག་པའི།། ཡིད་མཐུན་ནོར་བུ་ཁྱེད་ལ།། མི་འགྱུར་དམ་བཅའ་བཞག་ཡོད།། 草原情歌 作词:秋英巴丁 作曲:煋烁更求才旦 原唱:煋烁更求才旦 青措 那边的草地上 开满了大黄花 细雨蒙蒙 玉树成荫 初夏时节 满目欢欣 在碧水旁 夺走了我的纯洁的心 时雨甘露 水和花笑了 我和你相爱 水也清了 在高山上 供奉着一尊桑巴桑 别看高山了 拜托你了 在水矿海的角落里 放着一首优美的歌 不为金鱼多少 只为献给爱人 在山山水水中 谈心交心 一一生一世 与你相伴在这个虚幻的世界里 同一个梦想 我的爱人 向你承诺不变
相关歌曲
暂无相关歌曲