锤子音乐网锤子音乐网
醉美锅庄 - 思塔多杰 / 伊西才仁 / 长江姐妹组合封面

歌曲下载

选择需要的音质。若源文件暂时不可用,我们会明确提示实际提供的音质。

@migu music@
确登嘎布民间文化协会会歌
གཞས་པ་ངེད་ཚོ།
醉美锅庄
作词:洛桑仁青
作曲:思塔多杰
演唱:思塔多杰、伊西才仁、长江姐妹组合
ཡུལ་སྐོར་མི་འགྲོ་ཡུལ་སྐོར་འགྲོ།  ཆེས་མཛེས་སྡུག་ལྡན་པའི་ཡུལ་ལ་འགྲོ། 
མགོ་སྐྲ་ལོ་སྟོན་ཁའི་བ་མོ་རེད།  ཡུལ་རྒྱལ་ཁམས་སྟོན་མོ་འགྲིམ་ཚད་རེད།  
འགྲོ་ཡ་འགྲོ་ཡ། ཡུལ་སྐོར་འགྲོ།
སྟོད་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི། ཡུལ་སྲོལ་རྒྱུན་རིག་གནས་དྲིལ་བསྒྲགས་བྱེད།
གཞས་ངེད་ཚོས་མི་འཁྲབ་སུ་ཡིས་འཁྲབ། སུ་ཡིས་འཁྲབ།
རྒྱན་ཆ་མི་རྒྱན་རྒྱན་ཆ་བརྒྱན།  ཆེས་མཛེས་ཉམས་དོད་པའི་རྒྱན་ཆ་བརྒྱན།
གཞོན་དར་མའི་ལང་ཚོ་ཉམས་ན་ཡང་། ལུས་རྒྱན་ཆ་འཇའ་རིས་འཁྲིགས་འདྲ་ཡོད།
 རྒྱན་ཡ་བརྒྱན་ཡ། རྒྱན་ཆ་བརྒྱན།  
ཕྱི་ཡུལ་སྡེ་རྒྱུ་ནོར་ཕུན་སུམ་ཚོགས། ནང་ཁྱིམ་ཚང་ཕ་མ་མགོ་འཛོམས་རེད།
གཞས་ངེད་ཚོས་མི་འཁྲབ་སུ་ཡིས་འཁྲབ། སུ་ཡིས་འཁྲབ།
གཞས་བྲོ་མི་འཁྲབ་གཞས་བྲོ་འཁྲབ། ཆེས་ཉམས་འགྱུར་ལྡན་པའི་གཞས་བྲོ་འཁྲབ།
དབྱངས་སྙན་མོ་ཁུ་བྱུག་སྔོན་མོ་རེད། ཚིག་ཡག་ལེ་མེ་ཏོག་ཤར་འདྲ་ཡོད།
འཁྲབ་ཡ་འཁྲབ་ཡ། གཞས་བྲོ་འཁྲབ།
དུས་དེང་སང་བསྐལ་བ་བཟང་པོ་འདིར། སྐྱིད་འཚོ་བ་ལོངས་སྤྱོད་དགུང་དང་མཉམ།
གཞས་ངེད་ཚོས་མི་འཁྲབ་སུ་ཡིས་འཁྲབ། སུ་ཡིས་འཁྲབ།

相关歌曲

暂无相关歌曲