锤子音乐网
首页
搜索
音乐分类
最新入库
本周榜
热门榜
文章
音乐 MCP
首页
让桑巴旦、唐措
从藏北来
从藏北来
让桑巴旦、唐措
专辑:
从藏北来
时长:5:32
选择音质下载
在线试听
歌曲下载
选择需要的音质。若源文件暂时不可用,我们会明确提示实际提供的音质。
下载 MP3 128kbps
下载 MP3 320kbps
下载 FLAC 无损
歌词
下载歌词
作词 : 娘琼热朋
作曲 : 让桑巴旦
男:
ཡིད་འོང་གཟུགས་མཛེས་མེ་ཏོག་འཛུམ་ཞལ་ཅན།
འགྱུར་ཁུག་སྙན་མོ་དཔྱིད་ཀྱི་རྒྱལ་མོ་འདྲ།
འོ་ཨོ། བཅུ་དྲུག་ལང་ཚོ་ལུག་ཆུང་ཚར་ཞྭ་གྱོན།
བུ་མོ་ཁྱེད་རང་ས་ཕྱོགས་གང་ནས་ཡོང་།
女:
མཛེས་པའི་སྤང་ལྗོངས་དཀར་དམར་མེ་ཏོག་བཞད།
རྟ་ནོར་ལུག་གསུམ་ནམ་མཁའི་སྐར་ཚོགས་མཚུངས།
ཧོ་ཨོ། འབྲི་མོའི་བཞོ་དབྱངས་བར་མེད་རྣ་བའི་བཅུད།
བུ་མོ་ང་ནི་བྱང་ཐང་ཡུལ་ནས་ཡོང་།
ཁ་འཇམ་ཚིག་གིས་ཕ་མའི་བཀའ་དྲིན་གསོ།
ཞེ་འཇམ་འཛུམ་གྱིས་བརྩེ་བའི་བུ་ཕྲུག་སྐྱོངས།
ཧོ་ཨོ། རང་ཚུགས་མི་འཆོར་སྟག་ཤར་རང་མདངས་ཅན།
བུ་ཆུང་ཁྱེད་རང་ས་ཕྱོགས་གང་ནས་ཡོང་།
男:
ཕྱི་རུ་མཐིང་སྨུག་སྦྲ་ཡི་ཕ་མཁར་བརྗིད།
ནང་བཅུད་དྲིན་ཆེན་ཕ་མའི་བཀའ་མངགས་བཟང་།
ཨོ་འོ། གཞན་སེམས་མི་དཀྲུགས་ཡུལ་མིའི་འཆམ་མཐུན་འབུངས།
བུ་ཆུང་ང་ནི་བྱང་ཐང་ཡུལ་ནས་ཡོང་།
མུ་ཁྱུད་གངས་རི་སྤྲིན་དཀར་དབུ་ཞྭ་གསོལ།
ལྷུང་ལྷུང་དལ་འགྲོའི་འགྲོ་དྲུག་སྐོམ་པ་སེལ།
འོ་ཨོ། རི་དྭགས་སྣ་ཚོགས་གང་སར་བག་ཕེབས་འཚོ།
བུ་མོ་ཁྱེད་རང་ས་ཕྱོགས་གང་ནས་ཡོང་།
女:
གངས་ལྷ་མེ་ཏོག་གངས་རིའི་འདབས་སུ་བཞད།
སྤང་རྒྱན་མེ་ཏོག་སྤང་དཀར་མགུལ་དུ་མཛེས།
ཧོ་ཨོ། སེར་ཆེན་མེ་ཏོག་ཆུ་མོའི་གཞུང་དུ་འཚེར།
བུ་མོ་ང་ནི་བྱང་ཐང་ཡུལ་ནས་ཡོང་།
མགྱོགས་པའི་གྱི་ལིང་རྟ་མཆོག་འོག་ན་བཞོན།
སྤང་ཐང་ཁ་དཀར་རྐྱང་ལ་བང་རྩལ་འདྲན།
ཧོ་ཨོ། ཆུ་མིག་དགུ་སྒྲིལ་འུར་རྡོ་ཀླད་ནས་བསྐོར།
བུ་ཆུང་ཁྱེད་རང་ས་ཕྱོགས་གང་ནས་ཡོང་།
男:
འགྱུར་མེད་དམ་བཅས་རྡོ་ལ་རི་མོ་བཀོད།
དུས་བཞི་བར་མེད་རྐང་བཞི་ཕྱུགས་རིགས་འཚོ།
ཨོ་འོ། ཟླ་མེད་སྙིང་སྟོབས་གྲེ་སེར་འབྲོང་དང་འདྲ།
བུ་ཆུང་ང་ནི་བྱང་ཐང་ཡུལ་ནས་ཡོང་།
合:
མཛེས་སྡུག་ལྡན་པའི་སྐྱིད་པོ་བྱང་ཐང་འདི།
ང་དང་ཁྱེད་ཀྱི་སེམས་ཀྱི་ཞིང་ས་ཡིན།
ཧོ་ཨོ། ལྷན་འཛོམས་དགའ་སྤྲོ་གླུ་དབྱངས་སྙན་མོ་འདི།
མཐོ་སྒང་ཡུལ་དུ་འཕུལ་བའི་མཆོད་པ་ཡིན།
མཐོ་སྒང་ཡུལ་དུ་འཕུལ་བའི་མཆོད་པ་ཡིན།
相关歌曲
暂无相关歌曲
上一首
随机播放
下一首