锤子音乐网锤子音乐网
致敬父母 - 益西、泽旺拉姆封面

致敬父母

益西、泽旺拉姆

时长:4:17

选择音质下载

歌曲下载

选择需要的音质。若源文件暂时不可用,我们会明确提示实际提供的音质。

编曲 : 益西
向父母致敬ཕ་མ་ལ་གུས་འདུད་ཞུ།
ཚིག། རུ་དམ་སྐལ་བཀྲ།
词:日当呷扎
དབྱངས། རྫོགས་ཆེན་བསྟན་འཛིན།
曲:佐庆丹真
ལེན་མཁན། ཚེ་དབང་ལྷ་མོ། ཡེ་ཤེས་མེ་འབར།
演唱: 泽旺拉姆  益西
རང་གི་ལུས་ལ་རྔུལ་ཆུའི་ལྭ་བ་མནབས།
གཅེས་པའི་བུ་ལ་དར་གོས་སྣ་ལྔ་གསོལ།
མི་ཚེའི་བཀའ་སྡུག་ཡོད་ཚད་བུ་ཡི་ཆེད།
ཁུར་མཁན་ཕ་མ་གཉིས་ལ་གུས་འདུད་ཞུ།
རྒས་དུས་རང་གི་འདར་བའི་ངག་གིས་ཀྱང།
གཅེས་པའི་བུ་ལ་ཁ་ཏ་བསླབ་བྱ་གནང།
མི་ཚེའི་སྨྲ་བརྫོད་ཡོད་ཚད་བུ་ཡི་ཆེད།
བཤད་མཁན་ཕ་མ་གཉིས་ལ་གུས་འདུད་ཞུ།
ན་ཡང་རང་གི་བློ་སེམས་དྲོན་མོ་ཡིས།
གཅེས་བའི་བུ་ལ་སྐྱབས་འཇུག་སྨོན་ལམ་མཛད།
མི་ཚེའི་བསམ་གཞིག་ཡོད་ཚད་བུ་ཡི་ཆེད།
གཏོང་མཁན་ཕ་མ་གཉིས་ལ་གུས་འདུད་ཞུ།

རང་གི་ལུས་ལ་རྔུལ་ཆུའི་ལྭ་བ་མནབས།
གཅེས་པའི་བུ་ལ་དར་གོས་སྣ་ལྔ་གསོལ།
མི་ཚེའི་བཀའ་སྡུག་ཡོད་ཚད་བུ་ཡི་ཆེད།
ཁུར་མཁན་ཕ་མ་གཉིས་ལ་གུས་འདུད་ཞུ།
རྒས་དུས་རང་གི་འདར་བའི་ངག་གིས་ཀྱང།
གཅེས་པའི་བུ་ལ་ཁ་ཏ་བསླབ་བྱ་གནང།
མི་ཚེའི་སྨྲ་བརྫོད་ཡོད་ཚད་བུ་ཡི་ཆེད།
བཤད་མཁན་ཕ་མ་གཉིས་ལ་གུས་འདུད་ཞུ།
གཅེས་ཕྲུག་ཟེར་ནས་མིག་གི་པང་ལ་འཚོས།
སྲོག་ལྡོག་ཟེར་ནས་སྙིང་གི་དཀྱིལ་ལ་རུམ།
མདོར་ན་མི་ཚེ་གང་པོ་བུ་ཡི་ཆེད།
རྫོགས་མཁན་ཕ་མ་གཉིས་ལ་གུས་འདུད་ཞུ།

相关歌曲

暂无相关歌曲