锤子音乐网
首页
搜索
音乐分类
最新入库
本周榜
热门榜
文章
首页
啊迦·李毛措
雪花
雪花
啊迦·李毛措
时长:5:29
选择音质下载
在线试听
歌曲下载
选择需要的音质。若源文件暂时不可用,我们会明确提示实际提供的音质。
下载 MP3 128kbps
下载 MP3 320kbps
下载 FLAC 无损
歌词
下载歌词
作词 : 南杰加杨仓
作曲 : 岗尖巴
ཁ་བའི་མེ་ཏོག
雪花
作词:南杰加杨仓
作曲:岗尖巴
演唱:啊迦·李毛措
ཁ་བའི་མེ་ཏོགཁ་བའི་མེ་ཏོག
དགུང་སྔོན་པོར་གར་གྱིས་བསྐྱོད་དུས་ཁྱེད་ནི་རླུང་རྟ་ཞིག
ས་དོག་མོར་དལ་གྱིས་འབབ་དུས་ཁྱེད་ནི་སྨོན་འདུན་ཞིག
ཆུ་གཙང་མོར་བརྩེ་བ་ཕུལ་དུས་ཁྱེད་ནི་གཏམ་རྒྱུད་ཅིག
ཁ་བའི་མེ་ཏོག
ཁ་བའི་མེ་ཏོག
ང་ཡི་དར་རྒུད་དང་མཉམ་དུ་སྐྱོད་པའི་ཁ་བའི་མེ་ཏོག
ང་ཡི་ལས་དབང་དང་མཉམ་དུ་འབབ་པའི་ཁ་བའི་མེ་ཏོག
ང་ཡི་ལོ་ཟླ་དང་མཉམ་དུ་བཞུར་བའི་ཁ་བའི་མེ་ཏོག
ང་ནི་ཁྱེད་ཀྱི་གཟི་བརྗིད་དང་སྐྱོ་ངལ་འཐུ་བའི་སེམས་པ་དེ་ཡིན།
ང་ནི་ཁྱེད་ཀྱི་སྨོན་འདུན་དང་བརྩེ་བ་གྱེར་བའི་གླུ་ཆུང་དེ་ཡིན།
ང་ནི་ཁྱེད་ཀྱི་དབྱར་ཟླ་དང་མེ་ཏོག་བསུ་བའི་དྲོད་ཁོལ་དེ་ཡིན།
ཨོ་་་་་ ཁ་བའི་མེ་ཏོག
~
ཁ་བའི་མེ་ཏོགཁ་བའི་མེ་ཏོག
དྲོད་ཉི་མ་སེམས་ཀྱིས་བསུ་དུས་ཁྱེད་ནི་མིག་ཆུ་ཞིག
བཙག་བསེར་བུའི་རླུང་ཁ་འགྲིམ་དུས་ཁྱེད་ནི་གཤོག་འགྱུར་ཞིག
སྐྱིད་མི་རྟག་ཚ་བས་འཇོམ་དུས་ཁྱེད་ནི་ཟེགས་མ་ཞིག
ཁ་བའི་མེ་ཏོག
ཁ་བའི་མེ་ཏོག
ང་ཡི་བདེ་སྡུག་དང་མཉམ་དུ་འཁྱིལ་བའི་ཁ་བའི་མེ་ཏོག
ང་ཡི་དུངས་བ་དང་མཉམ་དུ་རྩེན་པའི་ཁ་བའི་མེ་ཏོག
ང་ཡི་བདེན་དོན་དང་མཉམ་དུ་འཕྱོ་བའི་ཁ་བའི་མེ་ཏོག
ང་ནི་ཁྱེད་ཀྱི་རྒྱང་བལྟ་དང་རེ་སྒུག་ཁྲོད་ཀྱི་སེམས་པ་དེ་ཡིན།
ང་ནི་ཁྱེད་ཀྱི་ཡིད་ཆེས་དང་སྤོབས་པ་སྦར་པའི་མེ་ལྕེ་དེ་ཡིན།
ང་ནི་ཁྱེད་ཀྱི་རྩ་ཐང་དང་ལུག་ཁྱུ་སྲུང་བའི་དུང་བ་དེ་ཡིན།
ཁ་བའི་མེ་ཏོག
相关歌曲
暂无相关歌曲
上一首
下一首