
歌曲下载
选择需要的音质。若源文件暂时不可用,我们会明确提示实际提供的音质。
歌词
下载歌词ཚིག ལྷག་པ་བཀྲ་ཤིས། གདངས་། ལྷག་པ་བཀྲ་ཤིས། ལེན་མཁན། ལྷག་པ་བཀྲ་ཤིས། ཡིག་སྒྱུར། ལྷག་པ་བཀྲ་ཤིས། མཉམ་སྡེབ། ལྷག་པ་བཀྲ་ཤིས། སྒྲ་ཕབ། ༡༠༡བརྙན་དབྱངས་རིག་གནས་སྨྱན་སྦྱོར། བརྡ་ཁྱབ་འཆར་འགོད། ༡༠༡བརྙན་དབྱངས་རིག་གནས་སྨྱན་སྦྱོར། ཁོང་གི་ཁྱེད་ལ་མེ་ཏོག་འདི་བསྐྲད་དུས་སུ། ང་གཉིས་བརྩེ་དུང་འདི་ནས་འཇུག་སྒྲིལ་སོང་། སྔར་སོང་ང་གཉིས་མཉམ་དུ་བསྡས་པའི་འཚོ་བ་འདི་འཚོ། ཡིད་ལ་དྲན་དུ་སེམས་རེ་སྐྱོ་བྱུང་། ཁྱེད་རང་ཁོང་དང་མཉམ་དུ་བསྡས་པའི་ལོ་ཟླའི་ནང་དུ་། གཞི་ནས་བདེ་སྐྱིད་འཚོ་བ་གང་ཡིན་འཚོར་བྱུང་ཟེར། ད་དུང་ང་ལ་དགོས་པའི་འཇོན་ཐང་འདི་ནི་མིན་འདུག་ཟེར། ང་དང་ཁ་བྲལ་དུས་ཚོད་འདི་ཕྱི་དྲག་བཞག་ཟེར། ཁྱེད་རང་ཁོང་དང་སོང་། ག་པར་སོང་ནས་སོང་། གང་ལྟར་ཁྱེད་རང་ང་ལ་བརྩེ་དུང་མིན་འདུག ཁྱེད་རང་ཁོང་དང་འཕུར། ཕྱི་ལྟས་མེད་པར་འཕུར། ད་ཆ་ཤོག་པ་ཁྱེད་རང་ལ་འཚར་བཞག ཏ་ར་ཏ་ར་ཏ།…… ང་བརྩེ་དུང་འདི་ཡི་རྙོག་འཛིང་ནང་དུ་འཛུལ་འདོད་མེད། ང་ད་དུང་གོམ་པ་སྤོད་དང་ནོར་འདོད་མེད། གལ་སྲིད་ཁྱེད་ཀྱི་སེམས་ནང་ལ་ངོ་མ་ང་ཡོད་ན། ང་ལ་ཕོག་ཐུག་ཡང་འཁོར་ཀྱང་འཁོར་གཏང་དོན་ཅི། ཁྱེད་ལ་ཁོང་གི་ཁ་ཡ་མ་བྱས་པའི་དུས་ལ། གཞི་ནས་ང་ལ་དགའ་པོ་ཡོད་ལབ་དོན་ཅི། ངས་ཁྱེད་ཀྱི་ཆེད་དུ་བུ་མོ་མང་པོ་བློས་གཏོང་བྱས། ད་ཆ་ང་ལ་ལྷག་པ་འདི་སྐྱོ་དུང་ཙམ་ཡིན། ཁྱེད་རང་ཁོང་དང་སོང་། རྒྱང་རིང་སར་ལ་སོང་། གང་ལྟར་ང་རང་ད་ཆ་ཁྱེད་རང་མཐོང་འདོད་མེད། ཁྱེད་རང་ཁོང་དང་འཕུར། ནམ་མཐའི་སར་ལ་འཕུར། ཁྱེད་དང་ཁོང་གི་བདེ་སྐྱིད་གམ་དུ་འཕུར། ཁྱེད་རང་ཁོང་དང་སོང་། ག་པར་སོང་ནས་སོང་། གང་ལྟར་ཁྱེད་རང་ང་ལ་བརྩེ་དུང་མིན་འདུག ཁྱེད་རང་ཁོང་དང་འཕུར། ཕྱི་ལྟས་མེད་པར་འཕུར། ད་ཆ་ཤོག་པ་ཁྱེད་རང་ལ་འཚར་བཞག ཁྱེད་རང་ཁོང་དང་སོང་། རྒྱང་རིང་སར་ལ་སོང་། གང་ལྟར་ང་རང་ད་ཆ་ཁྱེད་རང་མཐོང་འདོད་མེད། ཁྱེད་རང་ཁོང་དང་འཕུར། ནམ་མཐའི་སར་ལ་འཕུར། ཁྱེད་དང་ཁོང་གི་བདེ་སྐྱིད་གམ་དུ་འཕུར། ཁྱེད་དང་ཁོང་གི་བདེ་སྐྱིད་གམ་དུ་འཕུར།
